Episode Details

Back to Episodes
བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༡།༢ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(Tibetan) January.02, 2026

བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༡།༢ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(Tibetan) January.02, 2026

Published 10 months ago
Description
བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༡།༢ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(Tibetan) January.02, 2026 ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ ༡༥༣ ལ་བསྙེན་རྫོགས་ཀྱི་བསླབ་སྡོམ་སྩལ་བ། ◆ ༧སྐུའི་གོ་སྟོན་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོ་དང་། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དབུ་བརྙེས་ཏེ་ལོ་ངོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་རྒྱ་གར་དབུས་དང་མངའ་སྡེའི་བློན་ཆེན། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་ཕེབས་ཞུགས་གནང་བ། ◆ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་སྦེལ་ཀོབ་ནང་གི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ། ◆ ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་ཡོད་པ་གསལ་འདོན་གནང་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་བསྒྲིགས་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པའི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་མཇུག་སྒྲིལ་བ། ◆ ཁེ་ན་ཌར་ན་གཞོན་ནུས་སྟོབས་གོང་སྤེལ་དང་འགོ་ཁྲིད་ཀྱི་ཟབ་སྦྱོང་དང་བོད་རྒྱའི་ན་གཞོན་འབྲེལ་ལམ་གྱི་ཚོགས་འདུ་ཚོགས་པ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #tibettv #weeklynews
Listen Now

Love PodBriefly?

If you like Podbriefly.com, please consider donating to support the ongoing development.

Support Us